礼赞之歌 - 藏歌行.mp3
能正常播放的歌曲才可以下载
[00:00.000] 编曲 : 藏歌行[00:03.353]མཆོད་པ།礼赞之歌[00:33.544][00:40.469]མེ་ཏོག་འདབ་བརྒྱ་གྲོལ་བའི་གདན་སྟེང་ན།[00:46.801]རྟ་ནོར་ལུག་གསུམ་གར་གྱི་རྩེད་འཇོ་ཅན།[00:53.407]ཕ་སྦྲ་སྨུག་པོ་ཕུབ་པའི་ནང་རོལ་ན།[00:59.056]གཤིས་དྲང་འབྲོག་མི་འོ་མའི་དགོད་འཛུམ་ཅན།[01:04.994]ལུས་ཀྱི་སྟངས་སྟབས་བསྒྱུར་བའི་རྡོག་བྲོ་འདི།[01:09.749]འབྲོག་སྡེ་ཕྱུག་མོ་དར་བའི་མཆོད་པ་ཡིན།[01:40.094]རྣང་ཞིང་ཉི་མས་འཚོས་པའི་འོད་ཁྱིམ་ན།[01:46.751]བཅུད་ལྡན་འབྲས་བུ་སྙེ་མའི་རླབས་ཕྲེང་ཅན།[01:53.166]ཕ་མཁར་སྨུག་པོ་བརྩིགས་པའི་ནང་རོལ་ན།[01:58.744]རྒྱུད་བཟང་རོང་མི་དུང་གི་སེམས་གཤིས་ཅན།[02:05.480]ངག་གི་རྒྱུད་སྐུད་དཀྲོལ་བའི་སྙན་གླུ་འདི།[02:09.433]རོང་སྡེ་ཕྱུག་མོ་དར་བའི་མཆོད་པ་ཡིན།[02:40.065]གློག་འོད་ཁྲི་སྟོང་འཚེར་བའི་འཇའ་ཁྱིམ་ན།[02:46.402]ཚན་རྩལ་རིག་པའི་ནོར་བུ་སྒྱུ་འཕྲུལ་ཅན།[02:53.094]ཁང་བརྩེགས་དགུང་དུ་ཟུག་པའི་ནང་རོལ་ན།[02:58.499]ཤེས་བརྩོན་གྲོང་མི་རིག་པའི་བློ་གཤོགས་ཅན།[03:04.809]ཡིད་ཀྱི་དྭངས་མ་བསྲུབས་པའི་སྨོན་ལམ་འདི།[03:09.436]མཁར་གྲོང་ཕྱུག་མོ་དར་བའི་མཆོད་པ་ཡིན།[04:50.100]ཁྲོམ་ཆེན་འདུ་ར་འཚོགས་པའི་གྲལ་དབུས་ན།[04:56.564]རྒན་དར་གཞོན་གསུམ་སྐྱིད་ཀྱི་རྩེད་དགོད་ཅན།[05:02.740]དགའ་སྐྱིད་སྤྲོ་དགས་མྱོས་པའི་བར་གསེང་ན།[05:07.535]གངས་ཅན་བོད་མི་གླུ་གར་གཏམ་གསུམ་ཅན།[05:13.866]ལུས་ངག་ཡིད་གསུམ་བརྒྱུས་པའི་ཤིས་ཚིག་འདི།[05:17.914]གངས་ལྗོངས་ཕྱུག་མོ་དར་བའི་མཆོད་པ་ཡིན།
展开