命运玄链 - 久巴.mp3

命运玄链 - 久巴.mp3
命运玄链-久巴 (无损音质) 专享
[00:00.000] 作词 : 隆直 [00:0...
[00:00.000] 作词 : 隆直
[00:01.000] 作曲 : 久巴
[00:02.000] 编曲 : 久巴/康达瓦
[00:06.509]ལས་ཀྱི་སྐེ་རྒྱན།
[00:10.456]གཞས་ཚིག  རླུང་གྲུ།
[00:12.665]གཞས་གདངས།  གཅོད་པ།
[00:14.733]གཞས་པ། གཅོད་པ་དང་ཁམས་ཟླ་བ།
[00:27.550]ན་ནིང་རྟ་ཕོའི་རྩེད་གྲོགས།།
[00:31.429]སྣང་བ་རླུང་གི་ཡན་རེད།།
[00:35.567]ལང་ཚོའི་རྔ་རྔོག་བར་ནས།།
[00:40.864]དྲན་པའི་ཉིན་ལམ་གཅོད་རོགས།།
[00:44.945]སྟག་ཤར་དུང་ཟླ་དཀར་བོས།།
[00:48.171]མི་འགྱུར་མནའ་ཚིག་སྲུང་ནས།།
[00:52.306]བསྐོས་པ་ལས་ཀྱི་ལམ་བུར།།
[00:57.898]བརྩེ་དུང་བླངས་ནས་ཕེབས་བྱུང་།།
[01:21.455]ཞེ་འདང་དབྱར་གྱི་མཚོ་མོར།།
[01:25.660]འཛུམ་པའི་མེ་ཏོག་བཞད་སོང་།།
[01:29.781]ལས་འཕྲོའི་ཨ་ལོང་བརྒྱུས་པའི།།
[01:35.009]དུངས་བའི་མཛའ་གཞས་ལེན་རོགས།།
[01:39.894]སྨན་ཆུང་བསོད་ནམས་ཅན་མོས།།
[01:42.440]དངུལ་དཀར་མཛུབ་དཀྲིས་བརྒྱན་ནས།།
[01:46.820]དམ་ཚིག་མདུད་པའི་སྲོག་ཤིང་།།
[01:51.057]རྟ་ཁ་ལེན་རྒྱུར་སྒུག་ཡོད།།
[02:15.736]སེམས་པའི་རྟ་ཁྱུ་སྐོར་ནས།།
[02:20.079]ལྷན་འཛོམས་བསྐལ་བ་ཐོབ་དུས།།
[02:24.077]ལས་ཀྱི་ཞེ་འདང་བར་ནས།།
[02:29.257]འཁོར་བའི་ལ་མོ་བརྒལ་རོགས།།
[02:33.562]སྙིང་སྡུག་སྙིང་གི་ནོར་བུས།།
[02:36.594]ཕྱི་ཐག་དར་དཀར་འཐེན་ནས།།
[02:40.878]སྣང་བའི་འོ་ཆུ་འདྲེས་པའི།།
[02:44.952]སྐྱིད་སྡུག་གཞས་སུ་འགུགས་ཡོད།།
展开